75855
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྒྲ་རྒྱན་གྱི་ནང་གསེས་གསུམ་པ་དབྱངས་སོགས་ངེས་པའི་བྱ་དཀའ་བའི་ནང་གསེས་བཞི་བ་སྟེ། རྐང་པ་བཞི་ག་ལ་དབྱངས་ཀྱི་ཡི་གེ་ཨ་གཅིག་བུར་ངེས་པ་ལྟ་བུའོ། ། |
| Example | བོད་མཁས་པས། བསགས་པ་རབ་མཛད་གནས་པ་མཐར་འགགས་པས། །ཐམས་ཅད་ཕལ་བར་བཞག་ནས་ཡང་དག་ལས། ། རྟག་ཆད་སྤངས་པ་ནགས་ཚལ་ཉམས་དགའ་བར། །བདག་ལ་ཆགས་པ་རབ་བཏང་འབད་པ་ན་བཟང་། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |