75856
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཟུང་ལྡན་གྱི་རྒྱན་གྱི་ནང་གསེས་བརྒྱད་པ་དབྱངས་སོགས་ངེས་པའི་བྱ་དཀའ་བའི་ནང་གསེས་གསུམ་པ་སྟེ། རྐང་པ་དང་པོ་གཉིས་ལ་དབྱངས་ཨ་དང་། ཕྱི་མ་གཉིས་ལ་དབྱངས་ཨོ་སྟེ་གཉིས་སུ་ངེས་པ་ལྟ་བུ། ཚིག་དོན་ནི་རབ་ཏུ་གསལ་ཞིང་དྭངས་བའི་ཟླ་བ་ལ། དཀར་འཇམ་གྱི་མཚན་མས་ལེགས་པར་བརྒྱན་པ་ལྟ་བུའི་ལྷ་མོ་དབྱངས་ཅན་མས། ཉོན་མོངས་ཀྱི་རྙོག་མཚོ་རབ་ཏུ་འཁྲིགས་པའི་འགྲོ་བ་རྣམས་ཀྱི་སྐྱོན་ནས་ཉོན་མོངས་ཐམས་ཅད་འཇོམས་པར་མཛོད། །ཅེས་སོ། |
| Example | བོད་མཁས་པས། སྒྲིབ་གཉིས་འཆིང་ཞིང་སྲིད་ཞི་ཇི་བཞིན་གཟིགས། །ཡིད་གཉིས་སྤྲིན་གྱིས་མི་འགྲིབ་ཉིད་དྲིིན་གྱིས། ། དགེ་ལེགས་མེ་ཆེན་ཆེར་འཕེལ་བདེན་ཞེན་སྲེགས། །བདེ་ཆེན་ཡེ་ཤེས་མཁྱེན་བརྩེས་མཛེས་དེ་བསྙེས། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |