7586
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ནི་རེབ་སྐོང་རོང་བོའི་ཚེ་རུག་འོན་འཇའ་ཡིན། གཞོན་དུས་ནས་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ནས་གཞུང་དང་། སུམ་རྟགས། སྙན་ངག རྩིས་དཀར་ནག་བཅས་ལ་སྦྱངས་པར་མཛད། དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་དུ་ཞུགས། གཞུང་བཀའ་པོད་ལྔ་ལ་དཔྱིས་ཕྱིན་པ་སྦྱངས། ལྷ་ལྡན་སྨོན་ལམ་ཆེན་མོའི་སྨོན་རམས་པ་མཛད། རང་དགོན་དུ་ཕེབས། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ཕྱི་ལོ་ ༡༧༢༡ ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲིར་བཞུགས། དབུ་མ་འཇུག་པ་ཚོགས་འདོན་དུ་བཙུགས། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ཕྱི་ལོ་ ༡༧༢༣ ལོར་མཚོ་སྔོན་བསྟན་འཛིན་ཝང་གིས་དུས་ཟིང་བྱུང་སྐབས། བྱ་ཁྱུང་དགོན་པ་ལ་དམག་སྐྱོན་མ་བྱུང་། གདན་ས་ལོ་ལྔའི་རིང་བསྐྱངས། འཆད་ཉན་འཕེལ། རྩིས་དཀར་ནག་སོགས་ཀྱི་དཔེ་ཁྲིད་མཛད། བྱམས་ཁང་གི་སྐུ་བརྙན་ལ་ཞིག་གསོས་གནང་། མཚེར་མོ་ཆེའི་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་མཛད། གསུང་རྩོམ་ནི་རྩིས་གཞི་གསར་སྤོས་དང་། སྤྱི་སོའི་དེབ་ཡིག སེམས་བསྐྱེད་ཀྱི་བཤད་སྒྲིག སྐྱེས་རིའི་བསང་ཡིག་བཅས་བཞུགས། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་སོ་གཉིས་པ་ཡིན། |