75862

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་པ་བསྣོལ་བའི་ཐོག་མཐའ་དང་ཐོག་བར་ན་ཡོད་པའི་ཆོད་ཅིང་མ་ཆོད་པའི་ཟུང་ལྡན།་ (1)
Part of speech མིང་ཚིག
Definition བྱ་དཀའ་བ་གནས་གཞན་ན་ཡོད་པའི་ཟུང་ལྡན་གྱི་ནང་གསེས་བཞི་བའི་གཉིས་པ་སྟེ། རྐང་པ་དང་པོ་དང་གསུམ་པའི་ཐོག་མཐའ་གཉིས་ལ་མཚར་མཚར་ཞེས་པ་འདྲ་ཞིང་། རྐང་པ་གཉིས་པ་དང་བཞི་བའི་ཐོག་བར་དུ་མཚར་མཚར་ལྟ་བུའི་ཟུང་ལྡན་གྱི་བར་ཆོད་ཅིང་མ་ཆོད་པ་ཞིག་ལ་ཟེར།
Example བོད་མཁས་པས། མཚར་མཚར་པདྨ་དཀར་པོའི་དཔལ་མཚར་མཚར། །མཚར་མཚར་ཟླ་བས་མཚར་མཚར་འོད་འགྲེམས་པའི། །མཚར་མཚར་གདན་ལ་དབྱངས་ཅན་ལྷ་མཚར་མཚར། །མཚར་མཚར་མཛད་པས་མཚར་མཚར་འགྲོ་བ་འདུལ། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག