75875

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་པ་སྔ་མ་གཉིས་དང་བཞི་བའི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན་ (1)
Part of speech མིང་ཚིག
Definition བྱ་སླ་བ་རྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་ནང་གསེས་དང་པོ་བར་མ་ཆོད་པའི་ཟུང་ལྡན་གྱི་ནང་གསེས་བཅུ་གཉིས་ཏེ། རྐང་པ་སྔ་མ་གཉིས་ནི། དང་པོའི་ཐོག་མར་ཡོད་པའི་འཁྱིལ་འཁྱིལ་ཞེས་པ་ལྟ་བུ་དང་། གཉིས་པའི་ཐོག་མར་ཡོད་པའི་མཛེས་མཛེས་ཞེས་པ་ལྟ་བུ། བཞི་བའི་ཐོག་མར་ཡོད་པའི་ལིང་ལིང་ཞེས་པ་ལྟ་བུའི་ཟུང་ལྡན་གྱི་བར་མ་ཆོད་པ་ཞིག་ལ་ཟེར།
Example བོད་མཁས་པས། འཁྱིལ་འཁྱིལ་མདངས་འོད་འབར་བའི་སྒྲོ་ཚོགས་རྣམས། །མཛེས་མཛེས་ཟླུམ་པོར་བྱས་པའི་གདུགས་མཚར་བོ། ། བསྐོར་བ་རྨ་བྱའི་བུ་མོ་ཀུན་དགའི་མིག། །ལིང་ལིང་ཆར་སྤྲིན་སྔོན་པོའི་དབུས་ལ་བལྟ། །ལྟ་བུ།
Domain རྩོམ་རིག

{{#arraymap:རྐང་པ་སྔ་མ་གཉིས་དང་བཞི་བའི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན་

|; |@@@ | | }}