75889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་བཞིའི་ཐོག་མཐའ་ཆོད་ཅིང་མ་ཆོད་པ་ (1)
Part of speech མིང་ཚིག
Definition བྱ་དཀའ་བ་གནས་གཞན་ན་ཡོད་པའི་ཟུང་ལྡན་གྱི་རྒྱན་གྱི་ནང་གསེས་བཅུ་པ་སྟེ། རྒྱ་དཔེའི་རྐང་པ་བཞི་གའི་ཐོག་མ་དང་མཐའ་མ་གཉིས་ན། མ་ཡཱ་མ་ཡཱ་ཞེས་པའི་ཟུང་ལྡན་གྱི་བར་ཆོད་ཅིང་མ་ཆོད་པ་ཞིག་ཡིན།
Example བོད་མཁས་པས། ལྡེམ་ལྡེམ་གཞོན་ནུ་ཐོར་བུའི་སྐུ་ལྡེམ་ལྡེམ། །ལྡེམ་ལྡེམ་བདེ་བའི་འདུ་བྱེད་འགྱིང་ལྡེམ་ལྡེམ། །ལྡེམ་ལྡེམ་རལ་གྲི་འཕྱར་བ་སྔོ་ལྡེམ་ལྡེམ། །ལྡེམ་ལྡེམ་ཡོན་པོའི་ཐོར་ཚུགས་འཁྱོག་ལྡེམ་ལྡེམ། །ཞེས་རྐང་པ་བཞི་གའི་ཐོག་མཐའ་གཉིས་ན་ལྡེམ་ལྡེམ་ཞེས་ཟུང་ལྡན་གྱི་བར་ཆོད་ཅིང་མ་ཆོད་པ་ལྟ་བུའོ། །
Domain རྩོམ་རིག