75890
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱ་དཀའ་བའི་གནས་གཞན་ན་ཡོད་པའི་ཟུང་ལྡན་གྱི་ནང་གསེས་དགུ་པ་སྟེ། རྒྱ་དཔེའི་རྐང་པ་བཞི་གའི་ཐོག་མ་དང་མཐའ་མ་གཉིས་སུ། ར་བེ། ཞེས་པའི་ཟུང་ལྡན་གྱི་བར་ཆོད་པ་ལྟ་བུའོ། ། |
| Example | བོད་མཁས་པས། དཀར་མཛེས་པད་མཚོར་ངང་བའི་རླབས་ཕྲེང་དཀར། །དཀར་བསིལ་ཉར་མ་འཐོར་དབུས་ཆུ་བྱ་དཀར། ། དཀར་བའི་གཉིས་འཐུང་ཁྱུས་བསྐོར་གདན་པད་དཀར། །དཀར་མཛེས་སྟེང་ན་མགོན་པོ་འཇམ་དབྱངས་དཀར། །ཞེས་རྐང་པ་བཞི་གའི་ཐོག་མཐའ་གཉིས་སུ། དཀར། ཞེས་ཟུང་ལྡན་གྱི་བར་ཆོད་པ་ལྟ་བུའོ། ། |
| Domain | རྩོམ་རིག |