75939

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་འབམ་ (1)
Part of speech མིང་ཚིག
Definition ལྷན་སྐྱེས་རྨ་རིགས་བརྒྱད་ཀྱི་ཡ་གྱལ། ངན་ཁྲག་ཆུ་སེར་རྒྱས་པའི་སྟོད་ནད་རྐང་པར་བབ་པའི་ནད་དེ། ནད་རྟགས་སུ་རྐང་པའི་སྒྱིད་ཆུ་འཁུམ་ཞིང་ཤ་མདོག་སྔོ་ནག་ཏུ་འགྱུར་བ་དང་། ལུས་སྐྲངས་ཤིང་ན་ཟུག་ལྡང་ལ་རྨ་འབྱུང་བ་ཞིག། དང་པོ་ཆུ་སོན་གནས་པ་འམ། རོ་སྨད་ལ་རྒྱས་བད་ཀན་རྒྱས། ཤ་ཁྲག་ནད་ཀྱིས་རྐང་པར་ནི། དུས་སུ་སྐྲངས་པར་བྱད་འགྱུར་ཞིང་། རིམ་གྱིས་སྟུག་པོ་ཉིད་འགྱུར་བ། དེ་ནི་རྐང་བམ་ཞེས་སུ་བཤད། རྐང་བམ་རྐང་འབམ་དོན་གཅིག་སྟེ། མཁས་པ་སྔ་མས་རྐང་བམ་དང་། ཕྱི་མས་གཞན་དང་མི་ནོར་ཁྱད། འ་ཡི་སྔོན་འཇུག་སྦྱར་བ་ཡིན།