75962

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་ལག་འགྱུས་པ་ (1)
Part of speech མིང་ཚིག
Definition མངལ་གྱི་གནས་སྐབས་ལྔའི་ལྔ་པའམ། མི་ལུས་མངལ་དུ་ཆགས་པའི་བདུན་ཕྲག་ལྔ་པ་སྟེ་ཁུ་ཁྲག་གཉིས་ཡོངས་སུ་སྨིན་པ་ལས་ལུས་ཀྱི་ཡན་ལག་ལྔ་སོ་སོར་གྲུབ་པའི་དུས་སྐབས་འདི་ནས་བཟུང་བདུན་ཕྲག་སོ་བརྒྱད་པའི་བར་སྨིན་པས་སས་འཛིན་པ་དང༌། ཆུས་སྡུད་པ། མེས་མ་རུལ་པར་སྨིན་པ། རླུང་གིས་རྒྱས་པར་བྱེད་པ་བཅས་ཀྱི་སྒོ་ནས་ལུས་པོ་ཡོངས་སུ་ཚང་བར་འགྱུར།