76
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཀླུ་ལྡིང་རི་ཁྲོད་ཀྱང་ཟེར་སྔོན་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་སྒྲུབ་ཁང་ཡོད་པ་དང་དེ་རྗེས་ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེ་འཁྲུངས་ས་ཡིན། ཁོང་གི་ཞབས་རྗེས་ངོ་མཚར་ཅན་གསུམ་ཡོད་པ་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད་པ་དང་མ་ཡུམ་གྱི་གདུང་རྟེན་ཀྱང་ཡོད། རྗེས་སུ་རི་བོ་ཆེའི་མཁན་ཆེན་ངག་དབང་ལེགས་གྲུབ་འདིར་བྱོན་ནས་མཆོད་རྟེན་བཞེངས་པ་དང་སྔར་ཡོད་ཀྱི་སྒྲུབ་གྲྭ་ཉམས་གསོ་གནང་། རིག་གསར་སྐབས་རྩ་གཏོར་སོང། ༡༩༨༧ ལོར་རི་བོ་ཆེ་རྙིང་མ་གྲྭ་ཚང་གི་བླ་མ་འཇམ་རྡོར་གྱིས་འགན་ཁུར་ཏེ་གསར་བཞེངས་གནང་། ད་ལྟ་ཚེས་བཅུ་ཉེར་ལྔ་མ་ཆགས་པ་དང་། བདེ་ཆེན་ཞིང་སྒྲུབ། སྨྱུང་གནས་སོགས་འཚོགས་བཞིན་ཡོད་ལ། ཆོས་བརྒྱུད་རྙིང་མ་ཀཿཐོག་པ་ཡིན་པར་བཤད། |
{{#arraymap:ཀ་ཏི་རི་ཁྲོད་
|; |@@@ | | }}