76002

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐུ་བ་དྲུག་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། འཇབ་བུས་རྐུ་བ། སྒྱུས་རྐུ་བ། མཐུས་རྐུ་བ། ཕྱིར་བྱིན་ནོ་ཞེས་ནས་རྐུ་བ། བརྣོགས་ཏེ་རྐུ་བ། གཞན་ལ་བསྡོས་ནས་རྐུ་བའོ། །
རྐུ་བ་དྲུག་ (2)
Part of speech མིང་ཚིག
Definition སོ་སོར་ཐར་པའི་བཤད་པ་རྣམས་མི་བརྗེད་དྲན་བྱེད་ཙམ་དུ་བྲིས་པ་ལས་བྱུང་བ་སྟེ། སྒྱུས་རྐུ་བ། མཐུས་རྐུ་བ། བསྐྱིས་པ་ལས་བརྣོགས་ཏེ་རྐུ་བ། གཏམས་པ་ལས་བརྣོགས་ཏེ་རྐུ་བ། སྐྱོང་ཞིང་རྐུ་བ། ཆོས་རྐུ་བའོ། །རྐུ་བ་དྲུག་པོ་ལ་ཆོས་རྐུ་བ་མ་གཏོགས་པར་ལྷག་མ་རྣམས་ནི་ཕས་ཕམ་པར་འགྱུར་རོ། །