From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གདོང་དམར་ཅན་གྱི་ཡུལ་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་འབྱུང་དང་ལོ་རྒྱུས་རྙིང་པ་རྣམས་སུ་བོད་ཀྱི་ཡུལ་ལ་གདོང་དམར་ཅན་གྱི་ཡུལ་ཞེས་བྲིས་པ་ཡང་ཡང་འབྱུང་ཞིང་། དེའི་རྒྱུ་མཚན་ནི་བོད་མི་ཕལ་ཆེ་བའི་གདོང་མདོག་སྐྱ་བོ་རང་མིན་པར་ཅུང་དམར་ཤས་ཆེ་བའི་རྒྱུ་མཚན་གྱིས་ཡིན་ཞིང་། རྒྱའི་ཐང་དེབ་ཅེས་པའི་ལོ་རྒྱུས་ནང་བོད་ཀྱི་སྐོར་བྲིས་པར་བོད་མི་རྣམས་གདོང་གི་མཛེས་བྱེད་དུ་ཚོས་དམར་པོ་བགོ་པའི་གོམས་སྲོལ་ཡོད་པར་བཤད་ཡོད། བོད་རང་གི་ཡིག་རྙིང་རྒྱལ་པོའི་བཀའ་ཐང་སོགས་ལས་ཀྱང་ཤ་ཟ་གདོང་དམར་ཅན་ཞེས་འབྱུང་། ས་སྐྱ་ངོར་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས་གསུངས་པའི་གདོང་དམར་ཅན་གྱི་ཡུལ་ནི་བོད་ཉིད་ཁོ་ནར་ངོས་འཛིན་དགོས་ཞེས་གསུངས།
|
གདོང་དམར་ཅན་གྱི་ཡུལ་ (2)
| Part of speech
|
མིང་ཚིག
|
| Definition
|
རྦ་བཞེད་ལས། གདོང་དམར་ཅན་གྱི་ཡུལ་ནི་རྒྱ་ནག་ཡིན་པར་བཤད།
|
གདོང་དམར་ཅན་གྱི་ཡུལ་ (3)
| Part of speech
|
མིང་ཚིག
|
| Definition
|
བོ་དོང་ལོ་ཙཱ་བ་ནམ་མཁའ་བཟང་པོས་མཛད་པའི་བསྟན་རྩིས་ལེགས་བཤད་ནོར་བུའི་ཕྲེང་བ་ལས། ལྷ་མོ་མེད་པའི་ལུང་བསྟན་པའི་མདོ་ནས་གསུངས་པའི་གདོང་དམར་ཅན་གྱི་ཡུལ་ནི་ཀླ་ཀློའི་ཡུལ་ལ་ངོས་འཛིན་དགོས་པར་གསུངས།
|