7603

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདོང་དམར་བ་ (1)
Part of speech མིང་ཚིག
Definition བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་རྙིང་པ་མང་པོར་བོད་ཀྱི་ཡུལ་ལ་གདོང་དམར་ཅན་གྱི་ཡུལ་དང་བོད་མི་ལ་གདོང་དམར་ཞེས་སྦྱར་བ་མང་།
Example དེབ་དཀར་ལས། སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ། །རྟ་མཆོག་ཁྲོས་པའི་བཀའ་ཡིས་རྒྱས་བཏབ་པའི། །སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས། །སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས། །ཞེས་འབྱུང་བ་ལྟ་བུ།
གདོང་དམར་བ་ (2)
Part of speech མིང་ཚིག
Definition ངོ་གདོང་གི་མདོག་དམར་བའི་དོན་ཏེ།
Example གདོང་དམར་བའི་སྤྲེའུ་ལྟ་བུ།