From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གདོང་དྲུག་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། འཇམ་དཔལ་མཚན་བརྗོད་ལས། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཞེས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐུའི་རྣམ་པ་བཤད་སྐབས་བསྟན་པའི་གདོང་དྲུག་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། གདོང་དྲུག་ཅེས་པ་ནི། ལྟ་བ་གཟའ་གཏད་མེད་པ་དང་། བསྒོམ་པ་དམིགས་པ་མེད་པ་དང་། སྤྱོད་པ་བྱ་རྩོལ་མེད་པ་དང་། ཕྲིན་ལས་རྩོལ་དུ་མེད་པ་དང་། དམ་ཚིག་བསྲུང་དུ་མེད་པ་དང་། འབྲས་བུ་བསྒྲུབ་ཏུ་མེད་པ་དང་དྲུག་ལ་གདོང་དྲུག་ཅེས་བྱའོ། །ཞེས་གསུངས། འདི་རྫོགས་ཆེན་སྤྱི་ཏི་ཡོ་གའི་འགྲེལ་ལུགས་ཡིན།
|
| Domain
|
ཆོས་ལུགས།
|
གདོང་དྲུག་ (2)
| Part of speech
|
མིང་ཚིག
|
| Definition
|
གཞོན་ནུ་གདོང་དྲུག མ་དྲུག་ལ་བལྟ་བའི་ཕྱིར་གདོང་བ་དྲུག་ཏུ་སྤྲུལ་པས་ནའོ། །
|
| Type
|
མངོན་བརྗོད།
|