7608

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདོང་ཕྱིས་ (1)
Part of speech མིང་ཚིག
Definition གདོང་བཀྲུས་པའམ་གཙང་མར་བཟོས་པའི་བྱ་བའི་མིང་།
Example གདོང་ཕྱིས་ནས་ཕྱི་ལོགས་སུ་ཐོན་ལྟ་བུ།
གདོང་ཕྱིས་ (2)
Part of speech མིང་ཚིག
Definition གདོང་གཙང་མ་བཟོ་བྱེད་དམ་འབྱིད་བྱེད་ཀྱི་རས་ཡུག་གི་མིང་སྟེ། ཁ་སྐད་དུ་ལག་རས་ཀྱང་ཟེར།
Example ངས་ཁྲོམ་ནས་གདོང་ཕྱིས་ཤིག་ཉོ་དགོས། གདོང་ཕྱིས་རྙིང་པར་གྱུར་འདུག་ལྟ་བུ།
གདོང་ཕྱིས་ (3)
Part of speech མིང་ཚིག
Definition རབ་བྱུང་རྣམས་ཀྱི་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས་ཤིག་སྟེ། སྲིད་དང་ཞེང་དུ་ཁྲུ་གང་གི་ཚད་དང་ལྡན་པའི་ཡོ་བྱད་ཅིག་གི་མིང་།