76253
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་བཅུ་གཉིས་པ་གང་ཞིག སྔོན་དུས་ཀྱི་སྲིད་པ་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་ན་ཚོད་གཞན་དང་གཞན་དུ་འགྱུར་བའི་ཆ། དེའི་ནང་ཚན་དུ་གྱུར་པའི་བཅུ་གཉིས་པ་རྒས་པའི་རྟེན་འབྲེལ་གྱི་མཚན་ཉིད་ཡིན། གང་ཞིག་འདྲ་བ་ལ། འཆི་སྲིད་ལ་གནས་པའི་གང་ཟག་གི་རྒྱུད་ཀྱིས་བསྡུས་ཤིང༌། རང་ཉིད་ལ་གནས་བའི་གང་ཟག་གི་ཟག་བཅས་རྣམ་སྨིན་གྱི་ཕུང་པོ་འདོར་བའི་ཆ་དེ། དེའི་ནང་ཚན་དུ་གྱུར་པའི་བཅུ་གཉིས་པ་འཆི་བའི་རྟེན་འབྲེལ་གྱི་མཚན་ཉིད་ཡིན། རྒས་པ་ལ་དབྱེ་ན། ལུས་རྒས། ངག་རྒས། ཡིད་རྒས་པ་དང་གསུམ་ཡོད། གང་ཟག་ནི་དགྲ་བཅོམ་པའི་རྒྱུད་ལ་ཡོད་དེ། སྔོན་དུས་ཀྱི་སྲིད་པ་ལ་གནས་པའི་གང་ཟག་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཕྱིར། གྲུབ་མཚམས་ནི། རྒས་པའི་རྟེན་འབྲེལ་གྲུབ་པ། སྔོན་དུས་ཀྱི་སྲིད་པ་གྲུབ་པ་རྣམས་དུས་མཉམ། འཆི་བའི་རྟེན་འབྲེལ་གྲུབ་པ་དང༌། འཆི་སྲིད་གྲུབ་པ་དུས་མཉམ། དེ་གཉིས་ཡན་ལག་གཅིག་ཏུ་འདྲེན་པའི་རྒྱུ་མཚན་ཡོད་དེ། མ་རྒས་པར་འཆི་བའི་གང་ཟག་ལ། ཀུན་ནས་ཉོན་མོངས་ཕྱོགས་ཞེས་སོགས་ཀྱི་ཡན་ལག་བཅུ་གཉིས་རྩིར་ཡོད་པའི་རྒྱུ་མཚན་གྱིས་སོ། །གང་ཟག་ནི། དགྲ་བཅོམ་པ་དང་ཐེག་ཆེན་འཕགས་པའི་རྒྱུད་ལ་ཡོད་དེ། རྣམ་སྨིན་ཕུང་པོ་འདོར་དགོས་ཀྱི་དེ་གཉིས་ཡོད་པའི་ཕྱིར། |
| Domain | ཆོས་ལུགས། |