76257
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། གཟུགས་དང་དབང་པོ་ལུས་དང་ལོངས་སྤྱོད་མཐུ་དང་སྟོབས་སོགས་ན་ཚོད་གཞན་དུ་གྱུར་པ་དང་། རིགས་མཐུན་གྱི་ཕུང་པོའི་རྒྱུན་འདོར་པ་གང་རུང་གིས་བསྡུས་པ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། ཚར་གཅིག་གི་རྟེན་འབྲེལ་བཅུ་གཉིས་པ་གང་ཞིག ། ཚར་གཅིག་པོ་དེའི་སྐྱེ་བ་ནས་བཟུང་སྟེ་ན་ཚོད་གཞན་དུ་འགྱུར་བ་དང་། ཕུང་པོའི་རིགས་མཐུན་འདོར་བ་གང་རུང་གིས་བསྡུས་པ་དེ། ཡན་ལག་བཅུ་གཉིས་པ་རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་གྱི་མཚན་ཉིད། ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རྒ་ཤིའི་རྟེན་འབྲེལ་ཡོད་དེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སྐྱེ་བ་ནས་བཟུང་སྟེ་ན་ཚོད་གཞན་དུ་འགྱུར་བ་ལྟ་བུ་རྒ་བ་དང། ཕུང་པོའི་རིགས་མཐུན་འདོར་བ་ལྟ་བུ་འཆི་བ་ཡིན་པའི་ཕྱིར། དབྱེ་ན། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་དུས་སུ་འཆི་བ་དང། དུས་མིན་དུ་འཆི་བ་གཉིས་ཡོད། ཅེས་གསུངས་སོ། ། |
| Domain | ཆོས་ལུགས། |