7632

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདོང་རི་དགོན་དགེ་ལྡན་དམ་ཆོས་གླིང་ (1)
Part of speech མིང་ཚིག
Definition གདོང་རི་དགོན་དགེ་ལྡན་དམ་ཆོས་གླིང་ནི། མདོ་སྨད་རྔ་བ་བློ་རྟ་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། དུས་རབས་བཅོ་ལྔ་པའི་ནང་རྗེ་ཙོང་ཁ་པའི་ཐུགས་སྲས་ཚ་ཁོ་དབོན་པོ་ངག་དབང་གྲགས་པས་ཕྱག་བཏབ། དེ་རྗེས་དུས་ཡུན་གང་འཚམས་རིང་གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ་གྱིས་བསྐྱངས། ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་རྔ་ཁོག་ཏུ་ཞབས་སོར་བཀོད་པ་ནས་བཟུང་ཀིརྟི་ཚང་དང་ཐུན་མོང་མ་ཡིན་པའི་འབྲེལ་བའི་གཞི་ཚུགས། ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་གི་སྐུ་ཚེའི་སྨད་དུ་དགོན་པའི་འཛིན་བདག་ཆ་ཚང་རྗེ་ཉིད་ལ་ཕུལ། རྒྱུད་སྡེ་བཞིའི་སྒྲུབ་མཆོད་དང་འཆད་ཉན་གཙོ་བོར་བྱེད། ཕྱི་ལོ་ ༡༩༥༠ གོང་གྲྭ་གྲངས་ ༢༣༠ ཙམ་བཞུགས།