76345

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒོད་ཀྱི་སྟོང་སྡེ་ (1)
Part of speech མིང་ཚིག
Definition བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ཡུལ་གྲུ་སོ་སོར་བཙུགས་པའི་དམག་སྡེ་ཡིན། དེ་ལ་དབུས་གཙང་རུ་བཞི་རེ་རེར་སྟོང་སྡེ་བཅུ་བཅུ། ཞང་ཞུང་དུ་སྟོང་སྡེ་བཅུ། སུམ་པར་སྟོང་སྡེ་བཅུ་གཅིག་བཅས་ཁྱོན་བསྡོམས་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རེ་གཅིག་བྱུང་ཡོད།