From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒོད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
གད་མོ་བགད་པའི་རྒོད་ཀྱི་བྱ་མིང་།
|
རྒོད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ཆོས་ལུགས། རྒོད་པ་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་སྡུག་པའི་མཚན་མའི་རྗེས་སུ་རྒྱུག་པའི་སེམས་རྣམ་པར་མ་ཞི་བའི་སེམས་བྱུང་ངོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། རྒོད་པ་ནི་སེམས་མ་ཞི་བར་དམིགས་པ་ལས་གཞན་དུ་འཕྲོ་བ་སྟེ། ལས་ནི་ཞི་གནས་ཀྱི་བར་དུ་གཅོད་པ་ཉིད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
|
| Domain
|
ཆོས་ལུགས།
|
རྒོད་པ་ (3)
| Part of speech
|
མིང་ཚིག
|
| Definition
|
སྔར་མྱོང་བའི་འདོད་ཡོན་ལ་དམིགས་ནས་སེམས་ཕྱི་རོལ་ཏུ་འཕྲོ་ཞིང་སྲེད་པས་འཇུག་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། རྒོད་པ་གང་ཞེ་ན། སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ། ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །ཞེས་གསུངས། བྱེད་ལས་ནི། སེམས་དམིགས་པ་ལ་གནས་པའི་བར་ཆད་བྱེད་པའོ། །
|
རྒོད་པ་ (1)
| Part of speech
|
མཚུངས་ཚིག
|
| Definition
|
མཚུངས་གསལ་གྱི་སྒྲ་སྡེ་ཚན་གསུམ་པའི་བཅུ་གསུམ་པ་དཔེ་རྒྱན་གསལ་བྱེད་དེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
|
| Example
|
རྒྱལ་དབང་ལྔ་པས། ལང་ཀའི་བདག་པོའི་ཡན་ལག་མཆོག་བཅད་པས། །ཁྱབ་འཇུག་ཚངས་མགོ་བྲེགས་པའི་དཔའ་ལ་རྒོད། །ལྟ་བུ།
|
| Domain
|
རྩོམ་རིག
|