From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒོད་བག་ (1)
| Part of speech
|
མིང་ཚིག
|
| Definition
|
རྩེད་མོའམ་བཞད་གད།
|
| Example
|
མདོ་རྩ་རང་འགྲེལ་ལས། གནས་ངན་ལེན་གྱིས་ཐ་ན་རྒོད་བག་ཙམ་གྱིས་སྨྲས་ན་ཡང་ཐམས་ཅད་དུ་སྦོམ་པོར་རིག་པར་བྱའོ།
|
རྒོད་བག་ (2)
| Part of speech
|
མིང་ཚིག
|
| Definition
|
འབད་རྩོལ་ཆེན་པོ་སྟེ།
|
| Example
|
རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་ལས། དབུགས་ནི་ཕྱི་ནང་དུ་རྒྱུ་བ་སྒྲ་ཅན་དང་རྔམ་པ་དང་རྒོད་བག་ཅན་དུ་མི་གཏང་གི་ཅི་ནས་ཀྱང་ཕར་རྒྱུ་ཚུར་རྒྱུ་མི་ཚོར་བར་དལ་བུས་འབད་པ་མེད་པར་འཇུག་པ་དེ་ལྟར་བྱའོ།
|
རྒོད་བག་ (4)
| Part of speech
|
མིང་ཚིག
|
| Definition
|
ཡོན་ཏན་མེད་ཅིང་སེམས་དཔངས་མཐོ་བ།
|
རྒོད་བག་ (5)
| Part of speech
|
མིང་ཚིག
|
| Definition
|
དམ་ཆོས་འདུལ་བ་དང་མི་མཐུན་པའི་ཁྱིམ་པ་སུན་འབྱིན་གྱི་ལས་གསོག་པའི་རྒྱུར་གྱུར་པའི་མ་དུལ་བའི་རྩིང་སྤྱོད།
|
| Domain
|
ཆོས་ལུགས།
|