From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒོད་མ་སྐྱེས་ (1)
| Part of speech
|
མིང་ཚིག
|
| Definition
|
རི་རྟ་གདོང་མེ་སྟེ། རི་དེ་རྒོད་མའི་གཟུགས་དང་འདྲ་ཞིང་ཁ་ནས་མེ་བྱུང་ཞིང་འབར་བས་ནའོ། །
|
| Type
|
མངོན་བརྗོད།
|
རྒོད་མ་སྐྱེས་ (2)
| Part of speech
|
མིང་ཚིག
|
| Definition
|
བྲམ་ཟེ་སྟེ། ལྷོ་ཕྱོགས་ཀྱི་རྒྱ་མཚོའི་མེ་རི་དབྱིབས་རྒོད་མ་དང་འདྲ་བ་དེ་ལས་སྐྱེས་པས་ནའོ། །
|
རྒོད་མ་སྐྱེས་ (3)
| Part of speech
|
མིང་ཚིག
|
| Definition
|
ལྷའི་སྨན་པ་སྟེ། སྔོན་ཉི་མ་ལ་རྟ་ལྡན་མ་ཞེས་པའི་ཆུང་མ་ཞིག་ཡོད་ཅིང་། ཆུང་མ་དེས་ཉི་མའི་གཟི་བརྗིད་མ་བཟོད་ནས། རྟ་རྒོད་མའི་གཟུགས་སུ་བྱས་ཏེ། བྱང་སྒྲ་མི་སྙན་དུ་དཀའ་ཐུབ་བྱེད་ཅིང་གནས་སོ། །དེར་ཉི་མས་རྟའི་གཟུགས་འཛིན་པ་དེ་ལ་བཞོན་པར་གཟས་པ་ན། མོའི་བསམ་པ་ལ་སྐྱེས་བུ་གཞན་ཞིག་ཡིན་པར་དོགས་ནས། གདོང་ཕྱིར་ཕྱོགས་པ་ན་སྣའི་བུ་ག་གཉིས་སུ་ས་བོན་སོང་ངོ་། །དེ་ལས་བུ་གཉིས་སྐྱེས་པ་ལ་རྟ་སྐྱེས་དང་། སྣ་སྐྱེས་སུ་བཏགས་སོ། །
|