76387

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒོལ་བ་དང༌ལན་བདེབས་པས་གཟུ་བོ་བཙལ་བར་བྱ་བའི་ཆོས་བཅུ་དྲུག་ (1)
Part of speech མིང་ཚིག
Definition འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དགེ་སློང་མའི་སོ་སོར་ཐར་པའི་མདོའི་འགྲེལ་པ་ལས་བྱུང་བ་སྟེ། ༡ ཚུལ་ཁྲིམས་དང་ལྡན་པ། ༢ སློབ་པ་ལ་འདོད་པ། ༣ མང་དུ་ཐོས་པ། ༤ འདུལ་བ་ལ་མཁས་པ། ༥ གཟུ་བོ་ཆོས་བཞིན་མ་འདྲེས་པ། ༦ འདོད་པས་མི་འགྲོ་བ། ༧ ཞེ་སྡང་གིས་མི་འགྲོ་བ། ༨ གཏི་མུག་གིས་མི་འགྲོ་བ། ༩ འཇིགས་པས་མི་འགྲོ་བ། ༡༠ ལས་བྱས་པ་དང༌། མ་བྱས་པར་ཤེས་པ། ༡༡ འདོད་ཆགས་ཀྱིས་རྒྱལ་བའི་བཀའ་ལས་མི་འདའ་བ། ༡༢ ཞེ་སྡང་གིས་རྒྱལ་བའི་བཀའ་ལས་མི་འདའ་བ། ༡༣ མ་བཅས་པ་མི་འཆའ་བ། ༡༤ བཅས་པ་ལས་མི་འགྱུར་བ། ༡༥ རྩོད་པ་ཞི་བར་ནུས་པ། ༡༦ ཉེས་པ་ལས་སློང་བར་ནུས་པ་བཅས་སོ། །
Domain ཆོས་ལུགས།