76394
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྦྱོར་བ་དེ་སྐབས་བབས་ཀྱི་སྔ་རྒོལ་ཕྱི་རྒོལ་གང་རུང་གིས་མ་གྲུབ་པའི་གཏན་ཚིགས་ཞིག་ལ་ཟེར། དེ་ཡང་སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས། ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས། སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་དང་གསུམ་ཡོད་དེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། གསུམ་པ་རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ལ། སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས། ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས། སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་དང་གསུམ་ལས། མཚན་གཞི་རིམ་པ་ལྟར། གྲངས་ཅན་པས་སངས་རྒྱས་པའི་ངོར། བློ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ། དེ་སྒྲུབ་ཀྱི་དང་པོ་དང་། གཅེར་བུ་པས། སངས་རྒྱས་པའི་ངོར། ལྗོན་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར། ཞེས་བཀོད་པའི་ཚེ། དེ་སྒྲུབ་ཀྱི་གཉིས་པ་དང། སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ། དེ་སྒྲུབ་ཀྱི་གསུམ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |