76397

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒོལ་བའི་དགེ་སློང་གིས་དོན་གྱིས་བརྒལ་བར་བྱ་བ་བཅུ་དྲུག་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ༡ བདག་དོན་གང་གིས་བརྒལ་བར་འདོད་པའི་དོན་འདི། ཅི་བདེན་པ་ཡིན་ནམ། འོན་ཏེ་རྫུན། ༢ དོན་གྱིས་བརྒལ་བ་དེའི་དུས་ལ་བབ་བམ། འོན་ཏེ་དུས་ལ་མ་བབ། ༣ དོན་འདིས་བརྒལ་བའི་སྐབས་སུ་བབ་བམ། འོན་ཏེ་སྐབས་སུ་མ་བབ། ༤ དོན་གྱིས་བརྒལ་བ་འདིའི་དོན་དང་ལྡན་པའམ། འོན་ཏེ་དོན་དང་མི་ལྡན། ༥ དེའི་འོག་ཏུ་ཡང་བརྟག་པར་བྱ་སྟེ། དེ་ལ་མཐོང་བ། ༦ ཐོས་པ། ༧ དོགས་པ་གང་གིས་སྨྲ་བར་བྱ། ༨ ལུས་ཀྱིས་འདས་པའམ། ༩ ངག་གིས་འདས་པའམ། ༡༠ གྲོང་དུ་བྱས་སམ། ༡༡ དགོན་པར་བྱས་སམ། ༡༢ ནུབ་མོར་བྱས་སམ། ༡༣ ཉིན་པར་བྱས་སམ། ༡༤ ལྷག་མ་དང་བཅས་སམ། ༡༥ ལྷག་མ་མེད་པའམ། ༡༦ ཚེ་དང་ལྡན་པ་འདི་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་བཞག་པར་ནུས་སམ་སྙམ་པ་བཅས་སོ། །
Domain ཆོས་ལུགས།