76406
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གསུམ་པའི་ཆུ་ཕག་ཕྱི་ལོ་ ༡༢༠༣ ལོར་རོང་ཡུལ་དུ་ཡབ་ཡེ་ཤེས་རྡོ་རྗེའི་སྲས་སུ་འཁྲུངས། རྒྭ་ལོའི་སྐྱེ་བར་ངོས་བཟུང་ནས་རྒྭ་ལོ་ཞེས་འབོད། ཆུང་དུས་སུ་ངུར་སྨྲིག་ཏུ་ཁ་ཆེ་པཎ་ཆེན་དང་མཇལ། སློབ་གཉེར་མཛད་སྐབས་རྒྱལ་པོའི་བར་ཆད་བྱུང་བར་དཔྱལ་གྱི་དྲུང་དུ་བྱོན་པས་བར་ཆད་སེལ། ལོ་གསུམ་རིང་རྒྱ་གར་སྐད་ཡིག་ལ་མཁས་པར་སྦྱངས། དགྱེས་ཕག་གཉིས་གསན་ནས་བཤད་གསར་མཛད། སློབ་གཉེར་བ་ཐམས་ཅད་ངོ་མཚར་སྐྱེས། རྭ་འབུམ་སེང་ལས་དུས་འཁོར་གཙོས་རྭ་ལུགས་ཀྱི་ཆོས་རྣམས་གསན། བསྒོམས་པས་ཚིག་གི་མཆོག་གྲུབ་སྟེ་གསང་སྔགས་གསར་དུ་རྩོམ་པའི་ཤེས་མཐུ་གྲུབ། དུས་འཁོར་བཤད་པས་སློབ་མ་མཁས་པའང་མང་དུ་བྱུང། བརྒྱད་ཅུ་པ་ རབ་བྱུང་ལྔ་པའི་ཆུ་རྟ་ཕྱི་ལོ་ ༡༢༨༢ ལོར་སྐུ་གཤེགས། སློབ་མ་གཙོ་བོ་ནི་རྗེ་བཙུན་མལ་ལུངས་པ་ཡིན། |