76407

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་ (1)
Part of speech མིང་ཚིག
Definition རི་དྭགས་སོགས་འཛིན་བྱེད་ཐ་གུས་བསླས་པ་དང་ལྕགས་སྐུད་ཀྱིས་བཟོས་པའི་དྲ་བ་དང་། གཅན་གཟན་སོགས་འཛིན་སྐབས། རྐང་ལག་འཚིར་བྱེད་ཀྱི་རྣོ་ལྕགས་འཕར་ཤུགས་ཅན་སྒོར་སྒོར་སོ་ཡོད་པ་ཞིག་ཡིན་ལ། གཅན་གཟན་སོགས་ཀྱི་འགྲོ་ལམ་ལ་སྦས་ནས་མི་མཐོང་བར་བྱས་ཡོད་པས། རྐང་ལག་དེའི་ནང་དུ་འཇོག་མ་ཐག་འཕར་ནས་རྐང་ལག་སོ་བར་དུ་བཙིར་ནས་འཛིན་པ་ཡིན།
Example རི་དྭགས་རྒྱར་ཚུད་པ་དག་ཐར་དཀའ་ལྟ་བུ།
རྒྱ་ (2)
Part of speech མིང་ཚིག
Definition རྒྱ་ནག་རྒྱལ་ཁབ་ཀྱི་མི།
Example ངས་རྒྱ་སྐད་གཏན་ནས་མི་ཤེས་ལྟ་བུ།
རྒྱ་ (3)
Part of speech མིང་ཚིག
Definition མིའི་མ་ནེ་དང་ཨོལ་ཀོ་བཅས་ལ་སྤུ་སྐྱེས་ཡོད་པའི་དོན་ཏེ།
Example མི་རྒྱ་ཡོད་མཁན་ཞིག་གིས་སྐད་ཆ་དྲིས་ལྟ་བུ།
རྒྱ་ (4)
Part of speech མིང་ཚིག
Definition ཤིང་རིགས་ཤིག་གི་མིང༌།
རྒྱ་ (5)
Part of speech མིང་ཚིག
Definition རི་དྭགས་ཤིག་གི་མིང༌སྟེ། གཟུགས་ཆེ་ཆུང་གླང་ཆུང་ཙམ་ལ་དབྱིབས་ཀྱང་གླང་དང་འདྲ་བའི་སྲོག་ཆགས་རིགས་ཤིག་སྟེ། མགོ་བོ་ཅུང་ཆུང་ལ་སྐེ་ཐུང་ཞིང་སྦོམ་པ་དང༌། རྣ་བ་གཉིས་ཆེ་ལ་སུག་བཞི་ཐུང་བ། མཇུག་མ་ཕྲ་ལ་ཐུང་བ་དང་སུག་མཐིལ་གླང་གི་སུག་མཐིལ་འདྲ་བ། རྭ་ནག་པོ་གཉེར་མ་ཅན་གྱི་དབྱིབས་དགོ་བའི་རྭ་འདྲ་ལ་དེ་ལས་སྦོམ་པའི་རྩེ་ལ་གཉེར་མ་མེད་པ་འཇམ་པོ་ཡིན། མགོ་དང་རྐང་ལག་གི་སྤུ་མདོག་སེར་ནག་ཡིན་ལ་ལུས་སྤྱིའི་སྤུ་སེར་སྨུག་གམ་རྫ་མདོག་རྩུབ་ཅིང་གྱོང་བ། རྒྱུན་དུ་འཚོ་གནས་བྱེད་ཡུལ་ནི་རྫ་རི་མཐོན་པོ་དང་སྡོང་ཐུང་གི་ཤིང་གསེབ་སོགས་སུ་ཡིན་ཞིང་ཁེར་རྐྱང་དུ་རྒྱུ་བ་མང༌། ཟས་སུ་རྩྭའི་རིགས་དང་གསར་སྐྱེས་ཤིང་གི་ཡལ་ག་དང་ལོ་མ་སོགས་ཟ་བ་ཡིན།
རྒྱ་ (6)
Part of speech མིང་ཚིག
Definition བོད་ཀྱི་རུས་མིང་ཞིག་སྟེ། དེབ་ཐེར་སྔོན་པོ་ལས། མ་གཅིག་ཨོང་ཇོ་ནི། འོ་ཡུག་ཏུ་འཁྲུངས། གདུང་རུས་རྒྱ་ཡིན། ཞེས་པ་ལྟ་བུའོ། །
རྒྱ་ (7)
Part of speech མིང་ཚིག
Definition མཐའ་འམ་ཁྱོན་གྱི་དོན་ཏེ།
Example ས་རྒྱ་ཆེ་བའི་ཡུལ་གྲུ། ཁང་ས་རྒྱ་ཆེ་ཆུང་ཅི་ཙམ་འདུག་ལྟ་བུ།
རྒྱ་ (1)
Part of speech བྱ་ཚིག
Definition མཐར་སོན་པ་འམ་ཡོངས་སུ་རྫོགས་པའི་དོན།
Transitive བྱ་བྱེད་ཐ་མི་དད་པ།
Future [རྒྱ།, སངས་རྒྱ་བ་ལ་ཚོགས་གསོག་པ་གལ་ཆེ།]
Present [རྒྱ།, འཚང་རྒྱ་བཞིན་པ།]
Past [རྒྱས།, ཁོ་སངས་རྒྱས་ཟིན་ལྟ་བུ།]