76413
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁོང་ནི་གསང་སྔགས་གླིང་པའི་སྲས་ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་སྐུ་མཆེད་ཡིན། གཙོ་བོ་ཀཿཐོག་ཏུ་བཞུགས་ནས་ལུང་རྟོགས་གཉིས་ཀྱི་བསྟན་པ་ལ་འཆད་ཉན་དང་སྒོམ་སྒྲུབ་ཀྱི་རྒྱུན་སྤེལ། གཞན་ཡང་བྱ་བཏང་སྤྲོས་མེད་ཀྱིས་ཁམས་དབུས་ཀྱི་དགོན་སྡེ་དང་སྒྲུབ་གནས་རྣམས་སུ་ཕེབས་ཏེ་རྒྱུན་དཀོན་པའི་ལུང་རྣམས་གསན་པ་དང༌། སྔར་མི་བཞུགས་པའི་དཔེ་བམ་དུ་མ་བཞེས་ནས་སླར། ཀཿཐོག་ཏུ་སི་རུ་རིན་པོ་ཆེ་དང༌། ཛཿསྤྲུལ་རྡོ་རྗེ་འཆང༌། མཁན་པོ་ཨ་སྟོབས་རྣམས་ལ་ཕུལ། སྔོན་བྱོན་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་རྟེན་ཉམས་གུད་དུ་སོང་བ་རྣམས་ཞིག་གསོ་གནང་། |
{{#arraymap:རྒྱ་ཁོབ་སྤྲུལ་སྐུ་ཀུན་བཟང་
|; |@@@ | | }}