76428
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་ནད་བརྒྱ་སྔགས་གཅིག་སྐོར་ཞེས་པའི་ནང་དུ་བཞུགས། ནད་བརྒྱ་ལ་དྲག་སྔགས་གཅིག་གིས་གྲོལ་བའི་དྲག་སྔགས་ཚན་པ་ཞིག དེའི་བྱུང་རབས་དང་བརྒྱུད་པ་ནི། སྔོན་ཁམས་ཀྱི་བྲམ་ཟེ་ཡེ་ཤེས་སྤྱན་ལྡན་ཞེས་བྱ་བ་རྒྱ་གར་དུ་བྱོན་ནས་གྲུབ་ཐོབ་དུ་མ་ལས་གདམས་ངག་མང་པོ་གསན། ཁྱད་པར་རྒྱ་གར་ཁྲག་འཐུང་ནག་པོ་ལ་གསེར་བྲེ་གཅིག་ཕུལ་ཏེ་ཁྱེད་ཀྱི་དྲག་པོའི་ནད་སྔགས་དེ་ཞུའོ་བྱས་པས། དེའི་ཞལ་ནས་གསེར་བྲེ་མི་འདོད་ཁྱོད་ལ་རྣོ་མཐོང་མངོན་ཤེས་ཀྱི་གདམས་ངག་ཡོད་པ་དེ་འདོད་གསུངས་པ། དེའི་གདམས་པ་ཕུལ་ནས་ཞུས་པས་སླད་ནད་སྔགས་འདི་མནོས་པ་ཡིན། དེའི་ཕྱག་བཞེས་ཀྱི་བརྒྱུད་པ་ནི་མདོ་ཁམས་མི་ཉག་རབ་སྒང་ཕྱོགས་ཀྱི་བླ་མ་བཀྲ་ཤིས་ཞུ་བ་ཁོང་གིས་ཕྱག་ལེན་གནང་བ་སོགས་ཡོད་པར་གསལ་ལོ། ། |
| Domain | ཆོས་ལུགས། |