76431
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བདུན་པའི་ཤིང་བྱི་ཕྱི་ལོ་ ༡༤༤༤ ལོར་ཤབ་དགེ་ལྡིང་གི་ལྕམ་མོ་གཡང་གྲོང་དུ་ཡབ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང་། ཡུམ་ཁྲོ་མདའ་བའི་སྲས་མོ་མ་གཅིག་དཔལ་འབྱུང་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་དགེ་ལྡིང་བླ་བྲང་དུ་འཇམ་དབྱངས་དཀོན་མཆོག་བཟང་པོ་ལས་རབ་ཏུ་བྱུང་། མཚན་ལ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་སྩལ། བརྒྱད་པར་གཅེན་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དང་མཉམ་དུ་ས་སྐྱར་ཁྲི་འདོན་མཛད། བཅུ་པ་ནས་འཇམ་དབྱངས་དཀོན་མཆོག་བཟང་པོ་ལས་ཚད་མ་རྣམ་འགྲེལ་སོགས་མདོ་སྔགས་ཀྱི་ཁྲིད་ཞུས། བཅུ་བཞི་པར་མུས་ཆེན་དཀོན་མཆོག་རྒྱལ་མཚན་ལས་དགེ་ཚུལ་བསྒྲུབས། བཅུ་དགུ་པར་ས་སྐྱའི་གདན་ས་རྩིས་བཞེས་གནང། ཉེར་གཅིག་པར་མུས་ཆེན་སེམས་དཔའ་ཆེན་པོས་མཁན་པོ་དང་། ཞྭ་ལུ་བ་སངས་རྒྱས་དཔལ་བཟང་གིས་ལས་སློབ། སློབ་དཔོན་སླེ་ཆུང་མཁན་པོ་དཀོན་མཆོག་བློ་གྲོས་ཀྱིས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། ཁམས་ཕྱོགས་སུ་ཕེབས་ནས་ལོ་ངོ་ལྔ་ཙམ་བཞུགས། གདན་ས་ཆེན་པོར་ཕྱིར་ཕེབས། ཉེར་བརྒྱད་པར་བཞི་ཐོག་བླ་བྲང་གི་ཆོས་གཞིས་དང་བཅས་པ་གཅེན་པོ་ལ་ཕུལ་། བྱ་བྲལ་ཐུགས་གཏད། ནོར་བུ་ཁྱུང་རྩེ་དང་འཕན་པོ་ན་ལེནྡྲར་ཕེབས་ནས་སླར་ས་སྐྱར་བྱོན། ང་གཉིས་པ་རབ་བྱུང་བརྒྱད་པའི་ཤིང་ཡོས་ལོ་ ༡༤༩༥ ལོར་སྐུ་གཤེགས། ས་སྐྱ་དགོན་པའི་ཁྲི་པ་ཉི་ཤུ་པ་ཡིན། |