76436

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་གར་ཤེས་རབ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་མེ་འབྲུག་ཕྱི་ལོ་ ༡༤༣༦ ལོར་གཙང་ས་སྐྱར་ཡབ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང་། ཡུམ་མ་ཅིག་དཔལ་འབྱུང་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། བཤེས་གཉེན་དཀོན་མཆོག་བཟང་པོ་སོགས་ལས་ས་སྐྱའི་ཆོས་སྐོར་དང་རྩིས་སོགས་སྦྱངས། ཉེར་བདུན་པར་མདོ་ཁམས་སུ་ཕེབས་སྐབས་ལམ་འཛོལ་ནས་ཧོར་སེར་ཡོད་སར་བྱོན། སྐད་བརྡ་མ་འཕྲོད་པས་ཕྱག་བརྡ་བྱེད་པའི་འོ་བརྒྱལ་བྱུང་། ས་སྐྱའི་སྐྱེས་ཆེན་ཞིག་ཡིན་པར་རྟོགས་ནས་འགྲོ་དོན་མཛད། གྲུབ་རྫ་ཞེས་པའི་ཡུལ་ཏུ་ཆུ་མེད་ས་ཞིག་ཏུ་འབྱོར་ཏེ། དྲུང་འཁོར་དང་རྟ་ཁལ་རྣམས་སྐོམ་པས་བྲག་ལ་ཕུར་བ་བཏབ་ནས་ཆུ་བཏོན། ཁ་བ་ཆེན་པོས་འགྲོ་ལམ་བསུབས་པ་ན་འབྲོང་རྐྱང་སོགས་རི་དྭགས་རྣམས་ཀྱིས་ལམ་སྣེ་ཁྲིད་པ་སོགས་གྲུབ་རྟགས་བསྟན། ང་དགུ་པ་རབ་བྱུང་བརྒྱད་པའི་ཤིང་སྟག་ཕྱི་ལོ་ ༡༤༩༤ ལོར་ཤབ་དགེ་ལྡིང་དུ་སྐུ་གཤེགས། གསུང་རྩོམ་ནི་པོ་ཏི་ཀ་པ་གསེར་བྲིས་ཅན་གཅིག་བཞུགས། དཔལ་ལྡན་ས་སྐྱ་དགོན་པའི་ཁྲི་པ་བཅུ་དགུ་པ་ཡིན།