76463

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་ཆེ་བའི་ཛཾ་བྷ་ལའི་སྒྲུབ་པའི་ཐབས་ (1)
Part of speech མིང་ཚིག
Definition འདིའི་མཛད་པ་པོ་བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་སློབ་དཔོན་སངས་རྒྱས་ཡེ་ཤེས་དང་། སྒྱུར་བ་པོ་པཎྜི་ཏ་ཛ་ཡ་སེ་ན་དང་། བཙུན་པ་དྷརྨ་ཡོན་ཏན་གཉིས་འཁོད། འདིའི་འཕྲོར་བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་སྦྱིན་སྲེག་གཉིས་ཀྱི་ཆོ་ག་དང་། གཏོར་ཆོག་མི་ནུབ་པའི་སྒྲོན་མ་དང་། ཚོགས་འཁོར་གྱི་འཁོར་ལོ་སྣ་ཚོགས་འཁོར་ལ་དང་། རིན་ཆེན་འབར་བ་དང་། རྩ་བའི་ཡེ་ཤེས་ཆེན་པོ་དང་། བྱང་ཆུབ་སེམས་ཀྱི་ཐིག་ལེ་དང་། བཀྲ་ཤིས་ཀྱི་རྣམ་བཤད་ཆེན་པོ་དང་། རྒྱུད་ཀྱི་རྣམ་བཤད་དང་། དཀྱིལ་འཁོར་ཆོ་ག་ཉིས་བརྒྱ་ལྔ་བཅུ་པ་རྣམས་ལ་ལུང་དང་མཐུན་པའི་ཆོས་བཅུ་བཞི་ཞེས་བཤད་པ་ལ། རྒྱུད་ཀྱི་རྣམ་བཤད་ནི་མ་མཛད། དཀྱིལ་ཆོག་ནི་ཁ་ཆེར་ཁྱེར་ནས་རྒྱ་གར་ན་མེད་པར་བཤད། གཞན་རྣམས་ལ་གོང་དུ་སྨོས་པ་རྣམས་མ་གཏོགས་པ་བོད་དུ་འགྱུར་བ་མི་སྣང་ངོ་། ། ཞེས་འཁོད། བསྟན་འགྱུར་རྒྱུད་དི་པར་བཞུགས།