76470

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་ཆེན་པོ་ (1)
Part of speech རྒྱན་ཚིག
Definition རྒྱ་ཁྱོན་ཆེ་བའི་དོན།
Example ས་རྒྱ་ཆེན་པོ་ཞེས་དང་། ཁང་པ་རྒྱ་ཆེན་པོ་ཞེས་དང་། བསམ་བློ་རྒྱ་ཆེན་པོ་ཞེས་དང་། སེམས་རྒྱ་ཆེན་པོ་ཞེས་པ་ལྟ་བུ།
རྒྱ་ཆེན་པོ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། གཞན་སྟོང་དབུ་མ་བདེ་གཤེགས་སྙིང་བོའི་མཚན་གྱི་རྣམ་གྲངས་ཅིག་སྟེ། དོན་དམ་གྱི་མཚན་བརྗོད་ཀྱི་རྒྱུད་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་མཚན་གྱི་རྣམ་གྲངས་བརྒྱད་ཅུ་འབྱུང་བའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་དེའི་མཚན་གཞི་ཡིན་པར་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་(ཆོས་ཉིད་ཀྱི)རྒྱ་ཆེན་པོ་མཁའ་ཁྱབ་དང༌། ཞེས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]