76531
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་ཡང་ཁྲོད་པའི་དབོན་རྒྱུན་ལས་འཁྲུངས། བྱང་ཆུབ་སེངྒེ་དང༌། རྒྱལ་ཐང་པ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་སོགས་ལ་བཀའ་གཏེར་གྱི་སྨིན་གྲོལ་རྒྱ་མཚོ་ལྟ་བུ་གསན། བླ་རབས་གོང་མ་རྣམས་ཀྱི་ཕྱག་བཞེས་མ་ནོར་བར་བསྐྱངས། ཀཿཐོག་པའི་སྙན་བརྒྱུད་འཛིན་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར། སྐུ་ཚེ་ཧྲིལ་པོར་འཆད་ཉན་སྒོམ་སྒྲུབ་ཁོ་ནས་དུས་འདའ་བ་ལས་རྣམ་གཡེང་ངང་དུ་སྐད་ཅིག་ཙམ་ཡ་མི་བཞུགས། རྫོགས་པ་ཆེན་པོའི་ཁྲིད་ཟབ་ལམ་རིག་པའི་མེ་ལོང་ཞེས་བྱ་བ་མཛད། ས་མང་པ་རིན་ཆེན་རྡོ་རྗེ་དང༌། བར་ཁྱིམ་ཤེས་རབ་རྒྱལ་མཚན། གསེར་ལོ་སྟོན་པ་རྒྱལ་མཚན། བླ་མ་ཚེ་རྒྱལ་བ། བླ་མ་མཚམས་པ་སོགས་ཞལ་སློབ་མང་དུ་བྱོན། |