76534

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་མ་ཆོས་ལྡན་བློ་གྲོས་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༣ རྒྱ་མ་ཆོས་ལྡན་བློ་གྲོས་ནི། ཕྱི་ལོ་༡༤༥༨ ལ་སྐུ་འཁྲུངས། སློབ་དཔོན་ལྷ་རིན་པ་འཁྲུངས་ནས་ལོ་སྐོར་གཅིག་སོང་བ་དེ་ཡིན། རྗེ་ཙོང་ཁ་པའི་སློབ་མ་སྤྱན་མངའ་བ་བརྒྱད་ཀྱི་ནང་ཚན་སྤྱན་མངའ་བློ་གྲོས་རྒྱལ་མཚན་ལས་རབ་ཏུ་བྱུང་། སློབ་དཔོན་ཆོས་གྲུབ་པ། སློབ་དཔོན་དོན་ཡོད་དཔལ་ལྡན། མཁས་པ་རྟ་ནག་ཆོས་མཛད་པ་རྣམས་ལ་མདོ་ཕྱོགས་དཀའ་ཆེན་དང་། སློབ་དཔོོན་ལྷ་རིན་པ་ལ་དཔལ་གསང་བ་འདུས་པ་སོགས་མང་དུ་གསན། དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེར་བསྐྱངས་པའི་མཐར། ཕྱི་ལོ་༡༥༡༡ དགུང་ལོ་༥༤ བཞེས་པ་ལྕགས་མོ་ལུག་གི་ལོར་ཧོར་ཟླ་༣ པའི་ཚེས་༡༦ ལ་སྐ་ཚལ་གྱི་གཙུག་ལག་ཁང་དུ་གཤེགས།