76538

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་མ་མཚང་ཅན་བརྒྱད་ (1)
Part of speech མིང་ཚིག
Definition ཕ་མ་གང་རུང་གི་བབས་སྤར་ལི་སྟེང་དུ་ཕྱིན་དུས་དེར་བུས་པ་ཁྱི་ལོ་ལོང་བ་དང་། བབས་སྤར་དྭ་སྟེང་དུ་ཕྱིན་དུས་དེར་བུས་པ་གླང་ལོ་སྐྱོན་ཅན། བབས་སྤར་ཁམ་སྟེང་དུ་ཕྱིན་དུས་དེར་བུས་པ་འབྲུག་ལོ་སྐྱོན་ཅན། བབས་སྤར་ཟིན་སྟེང་དུ་ཕྱིན་དུས་དེར་བུས་པ་ལུག་ལོ་ལྐུགས་པ། བབས་སྤར་ཁེན་སྟེང་དུ་ཕྱིན་དུས་དེར་བུས་པ་རྟ་སྦྲུལ་འཐེང་བོ། བབས་སྤར་གིན་སྟེང་དུ་ཕྱིན་དུས་དེར་བུས་པ་གླང་ལུག་གྱོལ་བོ། བབས་སྤར་ཟོན་སྟེང་དུ་ཕྱིན་དུས་དེར་བུས་པ་ཕག་ལོ་སྒུར་བོ། བབས་སྤར་ཁོན་སྟེང་དུ་ཕྱིན་དུས་དེར་བུས་པ་སྟག་ལོ་སྒུར་བོ་བཅས་སྐྱེས་པ་བརྒྱད་ལ་ཟེར་ཞིང་། སྤར་ཁ་དེ་དག་གི་སྟེང་དུ་ཕ་མ་གཉིས་ཀྱི་བབས་སྤར་འདོམ་དུས་སྐྱེས་པ་ཡིན་ན་ལྷག་ཏུ་མཚང་བར་བཤད།
Domain རྩིས་རིག