76539
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕ་མའི་བབས་སྤར་སོ་སོའི་རང་ལོ་དང་གནས་ཕྱོགས་མཐུན་པའི་སྤར་ཁར་སྟེང་དུ་ཕྱིན་པ་དང་། སྲོག་གི་དར་གུད་གནམ་ལོའི་སྟེང་དུ་ཁྱེར་ན་ན་ཤི་གང་རུང་ལ་འབབ་པ་གཉིས་འདོམ་དུས་དེར་བུ་བཙས་ན་རྒྱ་མ་འགྲམས་པ་ཡིན་ཞིང་། དེའི་ཁར་བཙས་ཟླ་ཕ་མའི་རང་ལོ་ཡིན་པ་འདོམ་ན་དེ་ལ་བལྟ་མིག་ལོང་ཞེས་ཟེར་ལ། ཞག་དུས་ཀྱང་ཕ་མའི་རང་ལོ་ཡིན་པ་འདོམ་ན་དེ་ལ་རྭ་ཆག་ཅེས་ཟེར་བ་ཡིན། ཁྱད་པར་དུ་མཚམས་བཞིར་འགྲམས་ཆགས་ཆེ་བས་མི་བདེ་བ་མང་དུ་འབྱུང་བར་བཤད། གལ་སྲིད་མ་ཕག་ལོ་མ་མོ་ལོ་བཅུ་བདུན་དང་ཕ་ཕག་ལོ་པ་ཕོ་ལོ་ཉེར་དགུ་ཡིན་དུས་བུ་ཞིག་བཙས་པར་ཆ་བཞག་ན། ལོ་དེར་ཤར་བའི་གནམ་ལོ་ཡོས་ཡིན་པས། ཕག་སྲོག་ཆུ་དབུགས་སྦྲུལ་ནས་བླངས་ཏེ་དེའི་སྟེང་དུ་སྤྱི་ལྟར་ཆོས་བསྐོར་བྱས་པའི་དར་གུད་ཤི་བ་དང་། ཕ་མ་གཉིས་ཀྱི་བབས་སྤར་རང་ལོ་ཕག་དང་གནས་ཕྱོགས་མཐུན་པའི་སྤར་ཁ་ཁམ་སྟེང་དུ་འབབ་པ་གཉིས་འདོམ་པ་ལྟ་བུ་ཡིན་ལ། གལ་སྲིད་དེའི་སྟེང་དུ་བཙས་ཟླ་དགུན་ར་ཕག་ཟླ་ཡིན་པ་འདོམ་ན་བལྟ་མིག་ལོང་ཞེས་པ་དང་། བཙས་པའི་ཞག་དུས་ཀྱང་ཕག་ཡིན་པ་འདོམ་ན་རྭ་ཆག་ཅེས་པ་ཡིན་པ་ལྟ་བུ་ཡིན། དེ་མིན་ཕ་མ་མེ་ཡི་རྟ་སྦྲུལ་གྱིས་བབས་སྤར་བདུད་གཅོད་དུ་འགྲོ་བ་ལི་ཁེན་སྟེང་དུ་བུས་པ་ཆུ་ཕོ་ཁྱི་ལོ་དང་། ཆུ་ཡི་བྱི་ཕག་གིས་བབས་སྤར་བདུད་གཅོད་དུ་འགྲོ་བ་ཁམ་ཁོན་སྟེང་དུ་བུས་པ་ས་ཕོ་འབྲུག་ལོ། ཤིང་གི་སྟག་ཡོས་ཀྱིས་བབས་སྤར་བདུད་གཅོད་དུ་འགྲོ་བ་དྭ་ཟིན་སྟེང་དུ་བུས་པ་ལྕགས་མོ་ལུག་ལོ། ལྕགས་ཀྱི་བྱ་སྤྲེལ་གྱིས་བབས་སྤར་བདུད་གཅོད་དུ་འགྲོ་བ་དྭ་ཟིན་སྟེང་དུ་བུས་པ་མེ་མོ་གླང་ལོ། གཤེད་བཞི་སྤར་ཁ་འཐབ་དགྲའི་སྟེང་ཞེས་ས་མོ་གླང་གིས་བབས་སྤར་བདུད་གཅོད་དུ་འགྲོ་བ་གིན་ཟོན་དང་། ས་མོ་ལུག་གིས་བབས་སྤར་བདུད་གཅོད་དུ་འགྲོ་བ་ཁོན་ཁམ། ས་ཕོ་ཁྱིས་བབས་སྤར་བདུད་གཅོད་དུ་འགྲོ་བ་ལི་ཁེན། ས་ཕོ་འབྲུག་གིས་བབས་སྤར་བདུད་གཅོད་དུ་འགྲོ་བ་ཟོན་གིན་བཅས་ཀྱི་སྟེང་དུ་བུས་པ་ཤིང་ཕོ་འབྲུག་ལོ་བཙས་པ་བཅས་ཀྱང་རྒྱ་མ་འགྲམས་པ་ཡིན་ཞིང་། དེ་དག་ཕ་མའི་སྲོག་ཁམས་ཀྱི་དུར་ཞུགས་ལོ་ཡིན་པས་དུར་ཁ་རལ་ཞེས་རྩུབ་པར་བཤད། |
| Domain | རྩིས་རིག |