76540

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་མ་འཐེམས་པ་ (1)
Part of speech མིང་ཚིག
Definition ཕ་མ་སུ་རུང་གི་བབས་སྤར་སོ་སོའི་རུས་ཀྱི་ཁམས་དང་ཁམས་མཐུན་པའི་སྤར་སྟེང་ངམ། ཡང་ན་ཁམས་མཐུམ་སྤར་ཁ་དེ་དང་བདུད་གཅོད་དུ་འགྲོ་བའི་སྤར་ཁའི་སྟེང་དུ་བབས་དུས་དེར། དབང་ཁམས་རུས་ཁམས་དེའི་དགྲ་ཡིན་པའི་རུས་ཀྱི་དུར་ལོའི་བུས་པ་བཙས་ན། དེ་ལ་རྒྱ་མ་འཐེམས་པ་ཞེས་ཟེར་བ་ཡིན། གལ་སྲིད་ཕ་མ་སུ་རུང་གི་རུས་ནི་ཤིང་ཁམས་ཀེག་ཡིན་པར་ཆ་བཞག་ན། དེ་དང་ཁམས་གཅིག་པའི་སྤར་ཁ་ཟིན་ནམ། ཡང་ན་ཟིན་དང་བདུད་གཅོད་དུ་འགྲོ་བའི་དྭའི་སྟེང་དུ་བབས་སྤར་བབས་དུས་དེར། དབང་ཁམས་རུས་ཁམས་ཤིང་གི་དགྲ་ལྕགས་དང་། རང་ལོ་རུས་ཁམས་ཤིང་གི་དུར་ལོ་ལུག་སྟེ། བུས་པ་ལྕགས་མོ་ལུག་ལོ་སྐྱེས་པ་ལྟ་བུ་ཡིན། དེ་བཞིན་དུ་ཕ་མ་སུ་རུང་གི་རུས་ཇི་མེ་ཁམས་པ་ཡིན་ན། བབས་སྤར་ལིའམ་ཁེན་སྟེང་དུ་བབས་དུས་དེར་བུས་པ་ཆུ་ཕོ་ཁྱི་ལོ་དང་། རུས་ཤངས་ལྕགས་ཁམས་པ་ཡིན་ན། བབས་སྤར་དྭའམ་ཟིན་སྟེང་དུ་བབས་དུས་དེར་བུས་པ་མེ་མོ་གླང་ལོ། རུས་ཀུངས་ས་ཁམས་པ་ཡིན་ན། བབས་སྤར་ཁོན་ནམ་ཁམ་སྟེང་དུ་བབས་དུས་དེར་བུས་པ་ཤིང་ཕོ་འབྲུག་ལོ། རུས་འུ་ཆུ་ཁམས་པ་ཡིན་ན། བབས་སྤར་ཁམ་མམ་ཁོན་སྟེང་དུས་དེར་བུས་པ་ས་ཕོ་འབྲུག་ལོ་བཅས་བཙས་ན། བཙས་པའི་བརྩི་བྱ་དེ་དག་ནི་རྒྱ་མ་འཐེམས་པ་ཞེས་བྱ་བ་ཡིན།
Domain རྩིས་རིག