76541

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་མ་ལྷ་དབང་རིན་ཆེན་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༢ པ་རྒྱ་མ་ལྷ་དབང་རིན་ཆེན་ནི། ཕྱི་ལོ་༡༤༤༦ལ་སྐུ་འཁྲུངས། རྗེ་བཙུན་ཤེས་རབ་སེང་གེ་སྐུ་གཤེགས་པའི་ཕྱི་ལོ་དེ་ཡིན། འབྲས་སྤུངས་སུ་ཤག་སྐོར་མཁན་སྤྲུལ་དུ་ཕེབས་པ་སློབ་དཔོན་ཞོག་པ་མགོ་སེ་ལ་མདོ་ཕྱོགས་སྐོར། རྗེ་ཙོང་ཁ་པའི་སློབ་མ་ཚིག་དོན་འཛིན་པའི་དཀའ་བཞི་པ་བཅུའི་ནང་ཚན་སོགས་དང་། རང་ཉིད་ཆོས་པ་བཟང་བཟང་ལྟར་དུ་མི་མཛད་པར་དམ་པ་གཞན་གྱིས་བསྔགས་པར་བརྗོད་པ་སོགས་ཏེ་ཡ་མཚན་པ་ཞིག་གོ། དེ་ལྟར་བཤད་སྒྲུབ་གཉིས་ཀྱིས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ནས། ༡༥༡༦ དགུང་ལོ་དོན་གཅིག་བཞེས་པ་ཧོར་ཟླ་བཞི་པའི་ཚེས་༡༡ ལ་ཀླུད་ཤོད་འོད་སྣ་ཆོས་སྡེར་སྐུ་གཤེགས།