From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒྱ་མཚོ་ (1)
| Part of speech
|
མིང་ཚིག
|
| Definition
|
སའི་གོ་ལའི་ཕྱི་ཤུན་མང་ཆེ་བར་ཁེབས་པའི་ཆུའི་ཕུང་པོ་ཆེན་པོ།
|
| Keyword
|
True
|
| Example
|
རྒྱ་མཚོའི་གཏིང་དུ་ཅི་ཞིག་ཡོད་དམ། རྒྱ་མཚོ་ཆེན་པོར་གྲུ་གཟིངས་བསྐྱོད། རྒྱ་མཚོའི་གླིང་ཕྲན་ལྟ་བུ།
|
| Synonyms
|
མཚོ་ཆེན་པོ། ཆུ་གཏེར། ཨརྞ་བ། ཉལ་འགྲོའི་གཏེར། དལ་འབབ་མཛོད། གང་གཱ་འཛིན། བརྒལ་དཀའ་བ། ཆུ་ཀླུང་བདག་པོ། ཆུ་བདག ཆུ་སྤེལ། ཆུ་སྲིན་རྒྱལ་མཚན་ཅན། ཆུ་སྲེལ། ཏི་མའི་གྲོང་ཁྱེར། ཏི་མའི་མཛོད། ཆུ་སྲིན་གྲོང་ཁྱེར། ན་ཀྲའི་གྲོང་ཁྱེར། ཆུ་སྲིན་འབྱུང་གནས། ཆུ་སྲིན་བདག དུག་ཅན་གནས། དུག་ཅན་པ། དུད་འགྲོའི་བྱིངས། གདེགས་ཅན་བདག་པོའི་གནས། ནོར་འཛིན་བུ་མོ། ཕ་རོལ་མི་མངོན། མཐའ་ཡས་མ། མཐའ་མི་མངོན། དབང་ཆེན་མཚན། ཟླ་བའི་མ་མ། ཟླ་བས་འཕེལ། རི་ཡི་ཐོད་ཅན། གླིང་ལྡན་མ། རོ་ལྡན་མ། ས་མཆོད་མ། ས་སྲུང་། སིན་དྷུའི་བདག་པོ། གསེར་ལྡན་མ།
|
རྒྱ་མཚོ་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱ་མཚོ་ཆེན་པོ་ཁག་ལྔ་ལ་བགོས་པའི་ཆ་ཤས་ཤིག་ལའང་འཇུག་སྟེ།
|
| Example
|
ཞི་བདེའི་རྒྱ་མཚོ། ཧིན་རྡུའི་རྒྱ་མཚོ། བྱང་སྣེའི་རྒྱ་མཚོ། ལྷོ་སྣེའི་རྒྱ་མཚོ་ལྟ་བུ།
|
རྒྱ་མཚོ་ (3)
| Part of speech
|
མིང་ཚིག
|
| Definition
|
གྲངས་ཀ་བཞི་སྟེ། རི་རབ་ཀྱི་ཕྱོགས་བཞིའི་འོད་རྒྱ་མཚོར་ཕོག་པས་རྒྱ་མཚོ་ཁ་དོག་བཞིའི་བདག་ཉིད་ཅན་དུ་སྣང་པས་ནའོ། །
|
| Type
|
མངོན་བརྗོད།
|