76553

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་མཚོ་གཏེར་གྱི་བརྟུལ་ཞུགས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་རྒྱ་མཚོ་གཏེར་གྱི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། རྒྱ་མཚོ་གཏེར་གྱི་བརྟུལ་ཞུགས་ཀྱིས། །ཡིད་ཐུབ་མི་ལྡོག་བརྟན་པར་བྱ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། གསང་བའི་དོན་མཆོག་གང་ཡང་སྲུང་ཐུབ་པ་དཔེར་ན་སླར་མི་ལྡོག་ངེས་པ་རྒྱ་མཚོའི་གཏིང་དུ་གསེར་གྱི་གར་བུ་ལྷུང་བ་ཁར་མི་འོང་བ་ལྟར་དོན་ཆེན་པོ་ལས་མི་ལྡོག་ཅིང་སྣོད་མིན་ལ་གསང་བ་མི་སྤེལ་བའི་བརྟུལ་ཞུགས་ཏེ། ཞེས་གསུངས་སོ། །
Domain ཆོས་ལུགས།