76554
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། འདི་ལ་རྒྱ་མཚོ་རྐང་པས་གནོན་པའི་ཏིང་ངེ་འཛིན་ཡང་ཟེར། མདོ་དགོངས་པ་འདུས་པ་ལེའུ་དོན་གསུམ་པར་བསླབ་པའི་མཐའ་བཅུ་ལས་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་འཆད་སྐབས་མཚན་བཅས་ཏིང་ངེ་འཛིན་དུ་གཏོགས་པར་གསུངས། མདོ་འགྲེལ་མུན་པའི་གོ་ཆ་ལས། བཤད་པ་ལྟར་རྣམ་གསུམ་རིམ་པར་བསྐྱེད་པའི་རྒྱུ་ལས་ལྷར་གསལ་བས། རྒྱ་མཚོ་རྡོ་རྗེ་གཏམས་པར་སྒོམས་ཏེ། དེ་གསལ་བ་སྟོབས་ཅན་དུ་གྱུར་བ་དང༌། རྒྱ་མཚོ་རྐང་པས་བགྲོད་དེ། དེ་ལ་གནས་པའི་འགྲོ་བ་རྣམས་འོད་ཟེར་དུ་སྤྲུལ་པས་སྒོ་གསུམ་སྦྱངས་ཏེ། ཐར་པ་ལ་བསྐུལ་བར་བྱའོ། །ཞེས་པ་ལྟར། གཟི་ལྡན་འཆར་ཁའི་འོད་སྣང་ལས། རྐང་པའི་ཞབས་སུ་རྒྱ་མཚོ་ལ་རྡོ་རྗེ་རྒྱ་གྲམ་བསམ་པས་གཏམས་པ་དང་སྡིགས་མཛུབ་ལ་ཧཱུྃ་ལས་རྡོ་རྗེ་བསམས་པས་གཏམས་པ་གཉིས་བྱས་ཏེ། མཚོ་དེ་ལ་གནས་པའི་སེམས་ཅན་རྣམས་ལ། དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་བྱིན་གྱིས་བརླབས་པ་བརྟན་པར་བྱས་ཏེ། གདུལ་བྱ་ཐམས་ཅད་དམ་པའི་རྡོ་རྗེར་བྱ་ཞིང་དོན་བྱེད་པའོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |