76555
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མྱང་འདས་ལེའུ་བཅུ་གཅིག་པ་བྱང་ཆུབ་སེམས་དཔའ་སེེང་གེ་སྒྲས་དྲིས་པའི་ལེའུ་ལས་བྱུང་བ་སྟེ། རིམ་གྱིས་གཞོལ་བ། ཟབ་ཅིང་གཏིང་རིང་བ། གཅིག་ཏུ་ལན་ཚྭའི་རོ་བྲོ་བ། དབྲེས་ཀྱིས་མཚམས་ལས་མི་འདའ་བ། རིན་པོ་ཆེ་མང་བ། སེམས་ཅན་མང་པོའི་གནས་སུ་གྱུར་པ། རོ་ཞག་ཏུ་མི་གནས་པ། འབབ་ཆུ་ཐམས་ཅད་དང་སྤྲིན་ཆེན་པོའི་ཆར་ཡོངས་སུ་འཛིན་ཀྱང་མི་འཕེལ་མི་འགྲིབ་པའོ། ། |