From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒྱ་མཚོ་ལྟ་བུའི་སེམས་བསྐྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། བཟོད་པའི་ཕར་ཕྱིན་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། རྒྱ་མཚོ་ཆེན་པོ་ལྟ་བུ་ཡིན་ཏེ། མི་འདོད་པ་ཐོག་ཏུ་བབས་ཀྱང་ཡིད་མི་འཁྲུགས་པར་བཟོད་པ་འཕེལ་བའི་ཕྱིར། ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །བཟོད་པ་དང་ལྡན་པ་ནི། རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ། མི་འདོད་པ་ཐམས་ཅད་ཐོག་ཏུ་བབ་པས་རྒྱུད་མི་འཁྲུགས་པས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
རྒྱ་མཚོ་ལྟ་བུའི་སེམས་བསྐྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
བཟོད་པའི་ཕར་ཕྱིན་ལ་བརྟེན་ནས་གནོད་པ་སོགས་གང་ཡང་བཟོད་པའི་སེམས་བསྐྱེད་ཅིག་ལ་རྒྱ་མཚོ་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། བཟོད་པ་དང་ལྡན་པ་ནི་རྒྱ་མཚོ་ཆེན་པོ་ལྟ་བུ་ཡིན་ཏེ། གནོད་པ་སོགས་སྡུག་བསྔལ་གྱི་མི་འདོད་པ་ཐོག་ཏུ་བབས་པས་མི་འཁྲུག་པའི་ཕྱིར། ས་མཚམས་ནི་ས་གསུམ་པ་ནས་ཐོབ་པར་འདོད་དོ། །
|