76566

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་མཚོ་སྐྱེས་ (1)
Part of speech མིང་ཚིག
Definition བརྒྱ་བྱིན་གྱི་བཞོན་པ་གླང་བོ་ཆེ་སྟེ། རྒྱ་མཚོ་ལས་བྱུང་བར་གྲགས་པས་ནའོ། །
Type མངོན་བརྗོད།
རྒྱ་མཚོ་སྐྱེས་ (2)
Part of speech མིང་ཚིག
Definition ཟླ་བ་སྟེ། ལྷ་དང་ལྷ་མིན་གྱིས་རྒྱ་མཚོ་བསྲུབས་པ་ལས་སྐྱེས་པས་ནའོ། །
རྒྱ་མཚོ་སྐྱེས་ (3)
Part of speech མིང་ཚིག
Definition ལྷ་ཡི་ཤིང་སྟེ། མཐོ་རིས་ཀྱི་རྒྱ་མཚོ་ལྷ་མིན་བརྐོས་ཞེས་པའི་འགྲམ་དུ་སྐྱེས་ཡོད་པས་ནའོ། །
རྒྱ་མཚོ་སྐྱེས་ (4)
Part of speech མིང་ཚིག
Definition རྒྱ་མཚོའི་ཚྭ་སྟེ། རྒྱ་མཚོ་ལས་སྐྱེས་པ་ལྟར་ཡིན་པས་ནའོ། །
རྒྱ་མཚོ་སྐྱེས་ (5)
Part of speech མིང་ཚིག
Definition རྨ་བྱ་སྟེ། རྨ་བྱ་ཐོག་མར་རྒྱ་མཚོ་ལས་བྱུང་བར་གྲགས་པས་ནའོ། །
རྒྱ་མཚོ་སྐྱེས་ (6)
Part of speech མིང་ཚིག
Definition རྟ་སྟེ། ཐོག་མར་རྒྱ་མཚོ་ལས་བྱུང་བར་གྲགས་པས་ནའོ། །