76570

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་མཚོའི་བླ་མ་ (1)
Part of speech མིང་ཚིག
Definition ཏཱ་ལའི་བླ་མ་ཞེས་པའི་དོན་ཏེ། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དགུང་ལོ་སོ་བཞིའི་ཐོག སོག་པོའི་ཆ་ཧར་རྒྱལ་པོའམ་ཧོར་ཇིང་གིར་གྱི་གདུང་རབས་བཅུ་བདུན་པ། ཨལ་ཐན་ཁཱང་གིས་སོག་ཡུལ་དུ་གདན་དྲངས་པ་དང་། མི་རིགས་མི་གཅིག་པ་དུ་མའི་དབུས་སུ། རྒྱལ་དབང་བསོད་ནམས་རྒྱ་མཚོར། གསེར་སྲང་བརྒྱ་ལས་གྲུབ་པའི་ཐམ་ག་འབྲུག་སྡེར་མོ་ལྔས་མཚན་པའི་ཁ་རིས་ལ། རྡོ་རྗེ་འཆང་ཏཱ་ལའི་བླ་མ་རྒྱལ་ཞེས་ཧོར་ཡིག་ལས་བྱས་པ་དང༌། མུ་ཏིག་གི་སྣམ་སྦྱར་གྱིས་མཚོན་ཆེན་པོར་འོས་པའི་ན་བཟའ་སོགས་ནོར་བུའི་རིགས་བསམ་གྱིས་མི་ཁྱབ་པའི་སྣེ་དྲངས་ནས། ཏཱ་ལའི་བླ་མ་བཛྲ་དྷ་ར་ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་མཚན་བསྟོད་ཕུལ། སོག་པོའི་སྐད་ལ་ཏཱ་ལ་ནི་རྒྱ་མཚོ་ཆེན་པོ་ལ་ཟེར་བ་དང་། དེའི་དོན་ནི་རྗེ་འདིའི་མཁྱེན་རླབས་དང༌། མཚན་སྙན་ནི་མཐའ་དང་མུ་མེད་པའི་རྒྱ་མཚོ་ཆེན་པོ་ལྟར་འཛམ་བུ་གླིང་གི་ས་ཆེན་འདིའི་ཁྱོན་ཀུན་ལ་ཡོངས་སུ་ཁྱབ་པའི་བསྔགས་བརྗོད་ཞུས་པ་ཞིག་ཡིན། རྒྱལ་དབང་མཆོག་ནས་ཀྱང་ཨལ་ཐན་ཁཱང་ལ། ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ། ཞེས་པའི་མཚན་གནང་བ་དང་། དུས་དེ་ནས་བཟུང་རྒྱལ་དབང་མཆོག་གི་སྐུ་ཕྲེང་ཚང་མར་ཏཱ་ལའི་བླ་མ་ཞེས་ཡོངས་སུ་གྲགས་སོ། །

{{#arraymap:རྒྱ་མཚོའི་བླ་མ་

|; |@@@ | | }}