76587

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་མའི་འུར་རྡོ་ (1)
Part of speech མིང་ཚིག
Definition བརྩི་བྱར་རུང་བ་དག་གི་སྐྱེས་སྤར་སོ་སོའི་རང་ལོའི་སྲོག་ཁམས་ཀྱི་དུར་སྤར་ཡིན་པ་ལ་ཟེར་བ་ཡིན། དཔེར་ན་སྟག་གམ་ཡོས་ལོར་སྐྱེས་པའི་བརྩི་བྱ་དག་ལ་ཆ་བཞག་ན། སྐྱེས་སྤར་རང་ལོ་སྟག་གམ་ཡོས་ཀྱི་སྲོག་ཁམས་ཤིང་གི་དུར་སྤར་ཁོན་ཡིན་པ་ལྟ་བུ་ཡིན། དེ་ལྟར་ལགས་པས་མའི་བབས་སྤར་གིན་ཡིན་དུས་རང་ལོ་བྱ་སྤྲེལ་དང་། ཁེན་ཡིན་དུས་རང་ལོ་རྟ་སྦྲུལ། ཟོན་ཡིན་དུས་རང་ལོ་གཤེད་བཞི་བྱི་ཕག་བཅས་ཡིན་པའི་བུས་པ་བཙས་ན་རྒྱ་མའི་འུར་རྡོ་ཡིན། རྒྱ་མའི་འུར་རྡོ་འདི་རྒྱ་མ་ཕ་ཀླུང་འཆད་པའི་སྐབས་ཡིན་པས་འདིར་བསྟན་པའི་བརྩི་བྱའི་རང་ལོ་ཡང་སོ་སོ་སྐྱེས་དུས་དེའི་ཕའི་བབས་སྤར་གྱི་དུར་ལོ་ཡིན་པར་གསུངས་པའི་བཞེད་པ་དེ་ལེགས་པར་འདོད།
Domain རྩིས་རིག