76592

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་མེན་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་བཏབ་ནས་སྐྱེ་བའི་མེ་ཏོག་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྙུང་རིལ་དབྱིབས་ལ་ཨ་ར་འདྲ་བའི་རྩ་ཕྲན་མང་པོ་ཡོད་པ་དང༌། ལོ་མ་སྔོ་ལྗང་ཅུང་ཟད་ཆེ་བར་ཉག་ག་ཆེ་ཆུང་གང་ཡང་ཡོད་པ་སྨད་ཆས་སྡོང་པོ་བཏུམ་ནས་རེས་མོས་སུ་སྐྱེས་ཡོད་ཅིང༌། མེ་ཏོག་ལི་དམར་སྡོང་པོ་དང་ཡལ་གའི་རྩེར་འཆར་བ་དེ་ཨུཏྤལ་གྱི་དབྱིབས་འདྲ་བ། འབྲས་བུ་སྔོ་ལྗང་འཇོང་རིལ་བུམ་དབྱིབས་སུ་དོད་པའི་རྩེར་འཁོར་ལོ་ལྟ་བུའི་སོ་རིས་ཡོད་པ་གཤག་ཚེ་འོ་མ་འབབ་ཅིང༌། རྒས་ཚེ་སྐྱ་བོར་གྱུར་པའི་ནང་འབྲུ་གུ་སེར་སྨུག་ཞིབ་པ་མང་པོ་ཡོད་པ་དང་། ས་ཁུལ་མང་ཆེ་བར་བཏབ་ན་སྐྱེ། བོད་ཟླ་དྲུག་པའི་ནང་དུ་མེ་ཏོག་བཏུས་ཏེ་མ་རུལ་བར་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་ལྕི་བས་ཁྲག་འཁྲུགས་པའི་ནད་དང༌། རོ་སྟོད་གཟེར་བ། དེ་མིན་གྱི་གཟེར་རིགས་གང་ལའང་ཕན་པ་ཡིན། མེ་ཏོག་ཡལ་རྗེས་འབྲས་བུ་སྔོན་པོའི་དུས། གྲི་ལ་སོགས་པས་གཏིང་རིང་མ་ཡིན་པར་གཤགས་ནས་དེ་ལས་འོ་མ་བསགས་ཏེ་ཐ་མག་ཉལ་ཐ་ཞེས་པ་དེ་བཟོ་ཡི་ཡོད་ཅིང༌།