76603
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀར་ནག་རྒྱ་ནས་འོངས་པ་ལས་བོད་འདིར་མེད་པས་རྒྱ་ཚྭ་ཞེས་འབྱུང་ཁུངས་ལ་ལྟོས་ནས་མིང་བཏགས་པའི་ཚྭ་རིགས་ཤིག་སྟེ། ཤེལ་ལྟར་ལ་བཅག་ན་ག་བུར་ལྟར་ཚི་འཛིན་པ་བྲག་གི་དྲེག་རྩི་འདྲ་བ་དང༌། རྡོ་དམར་སོགས་འབྱར་བ་ལ་ཁ་ཞབས་དྭངས་སྙིགས་ཀྱི་རྣམ་པ་མེད་པ་རོ་ཤིན་ཏུ་ཚ་ངར་ཆེ་བ་དེ་རང་བྱུང་ཡིན་པས་མཆོག་ཏུ་བཟང༌། དེ་མིན་རྒྱ་གར་དང་སྟོད་ཧོར་གྱི་ཚྭ་ཞུན་མ་ཞེས་པ་སྔོ་ལ་དྭངས་ཤིང་དཀར་ལ་འཚེར་བ། དེ་ཡང་སྣོད་དུ་བླུག་པའི་ཉམས་ཟོམ་ལས་འཁྱགས་པ་བཀོག་པ་ལྟ་བུའི་གཟུགས་དང༌། ཁ་ཞབས་དྭངས་སྙིགས་ཀྱི་རིམ་པ་ཡོད་པ་ལ་བཅག་ན་སྣ་སུལ་ཡོད་པ། རེག་བྱ་རབ་ཏུ་ཚ་བ་དེ་རབ་ཡིན། དེ་འདྲ་ལ་ཁད་པ་སྐྱ་ལ་སོབ་པ་སྙི་བ་ནི་སྟོད་ཧོར་གྱི་དོང་བཟོ་མ་འབྲིང་བ། ཡང་སྐྱ་སོབ་ཡང་བ་མདངས་མི་གསལ་ཞིང་བར་ཞབས་སྔོ་བ་དང༌། ནག་པ། ཁ་སྐྱ་ལ་སྣ་ཐུང་བ་ཁྲོ་ཟངས་སོགས་སུ་བླུགས་ནས་ཆགས་པའི་ཉམས་ཏིང་ཕོར་ནས་འཁྱགས་པ་བཀོག་པའི་དབྱིབས་འདྲ་ལ། རོ་ཚ་ངར་མི་ཆེ་བ་ཐ་མ་ཡིན། རོ་ལན་ཚ་བ། ཞུ་རྗེས་མངར་བ། ནུས་པ་ཚ་ལ་རྣོ་ཞིང་སྣུམ་ལ་ལྕི་བ་དང་ལྡན་པས་དུག་གཞོམ་པ་དང༌། སྲིན་གསོད་ཅིང་རྩ་ནད་སྦྱོང་བ། གག་པ་སེལ་བ། ཤ་རོ་གཅོད་ཅིང༌། དྲི་ཆུ་འགགས་པ་འབྱིན་ལ། རྨའི་རུལ་བ་གཅོད་ཅིང་ཆུ་སེར་འདྲེན་པར་བྱེད་པ་ཞིག་ཡིན། |
| Synonyms | ལྕེ་འབིགས། ཛི་ཧ་བྷེནྡ། རེག་འབིགས། ཆུ་ད་བྱིད། ཆུ་རྡོལ། ཆུ་ཡི་སྙིང་པོ། པ་ཎི་པཱ་ར། རྡོའི་དྭངས་མའི་ཚྭ། རྩ་སྦྱོང་བདུད་རྩི། ཚྭ་རྒྱལ། ཤ་ཏོར། ཨ་མ་ནི་ཀོན། |