76620

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་ཡག་ཞབས་དྲུང་བློ་བཟང་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ཕྱི་ལོ་ ༡༧༩༧ ལོར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ཡོས་ཕྱི་ལོ་ ༡༨༡༩ ལོར་སྐུ་འབུམ་རྒྱུད་པའི་མཁན་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་ལེགས། རབ་བྱུང་བཅུ་བཞི་པའི་ཆུ་རྟ་ཕྱི་ལོ་ ༡༨༢༢ ལོར་སྐུ་འབུམ་དགོན་པའི་གདན་ཁྲིར་བཞུགས་བྱོན། གདན་ས་ལོ་གཉིས་རིང་བསྐྱངས། བཙན་ཁང་ཆེན་མོའི་ཕོ་བྲང་ཞིག་གསོས་མཛད། ཞེ་དགུ་པ་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ་ཕྱི་ལོ་ ༡༨༤༥ ལོར་སླར་སྐུ་འབུམ་དགོན་པའི་གདན་ཁྲིར་བཞུགས། འཛིན་བསྐྱངས་ལེགས་པར་གནང་། སྐབས་དེར་ཟི་ལིང་ནས་ཏ་ཏཱ་རིན་ཞེས་པས་དགོན་པར་དམག་དྲངས་ནས་གཏོར་བཤིག་བཏང། སྐུ་འབུམ་དགོན་དུ་ཡོང་ནས་ཀྱང་ཐུའུ་བཀྭན་སྒར་བར་བཅའ་སྡོད་བྱས། དགོན་པའི་བླ་གྲྭ་ཡོངས་འུར་ཟིང་བདེ་འཇམ་ཚུལ་དུ་མཚན་མོར་རང་རང་གི་ཁང་ཐོག་ཏུ་སྐྱོར་སྦྱང་མཛད་དེ། མ་ཤེས་པ་བཞིན་གནས་པས་སྙད་འདོགས་རྒྱུ་མ་རྙེད་པར་ཟི་ལིང་དུ་ལོག ཁྲི་ཆེན་ལས་ཐོག་པའི་བཀའ་དྲིན་ཡིན། འདས་ལོ་མི་གསལ། སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་ཞེ་གཅིག་པ་དང་། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ཞེ་བརྒྱད་པ། ལྔ་བཅུ་ང་གསུམ་པ་བཅས་ཡིན།